00:00/00:00
随时随地任意搜索并下载全网无损歌曲
扫描右侧二维码下载歌曲到手机 

免费获取更多无损音乐下载链接
文本歌词
仓央道歌在理塘 - 德格叶
词:欧彭措
曲:理塘降央
དུས་བཞིའི་དགའ་སྐྱོའི་མྱོས་ཁུ།།
བཞེས་རོགས་ཚངས་དབྱངས་མགུར་གླུ།།
མགུར་དེ་དབྱངས་ལ་འགུག་མཁན།།
གནའ་བོའི་གྲོང་གི་ཚངས་སྲས།།
ཞེ་ལ་འདང་ཞིག་ལོས་འཁོར།།
འདང་ལས་གདངས་ཤིག་ལོས་རྙེད།།
མ་སྐྱེས་ཨ་མའི་དབྱངས་རྟ།།
ལི་ཐང་གྲོང་ནས་གྲགས་སྐད།།
ཨེ་མ་གནས་མཆོག་ལོ་རྒྱུས་མང་སའི་གནས།།
ཨེ་མ་གནས་མཆོག་མགུར་ལ་འཐིམས་པའི་གྲོང་།།
ཨེ་མ་གནས་མཆོག་ཚངས་དབྱངས་རྒྱ་མཚོའི་གཞིས།།
ཨེ་མ་ཁྱེད་ནི་ནམ་མཁའི་དབྱིངས་སུ་ཆགས་པའི་གཞལ་ཡས་ཁང་།།

ཚིག་ལ་ལྷོད་ཆས་སྤྲས་པ།།
གདངས་ལ་སྙན་ཆས་བརྒྱན་པ།།
འགྱུར་ཁུགས་འབུམ་གྱིས་བརྟས་པ།།
ཚངས་དབྱངས་རྒྱ་མཚོའི་མགུར་གླུ།།
རིགའཛིན་ཚངས་དབྱངས་རྒྱ་མཚོ།།
དགའ་ལྡན་གནས་སུ་བཞུགས་རུང་།།
མགུར་གླུ་དལ་འགྲོ་རིང་མོ།།
ལི་ཐང་ཚང་ལ་སིམས་ཡོད།།
ཨེ་མ་གནས་མཆོག་འཛམ་བུ་གླིང་གི་ཏོག།
ཨེ་མ་གནས་མཆོག་ཁ་བ་ཅན་གྱི་ཡུལ།།