00:00/00:00
随时随地任意搜索并下载全网无损歌曲
扫描右侧二维码下载歌曲到手机 

免费获取更多无损音乐下载链接
文本歌词
周毛 - 勒毛措
གླིང་ཕ་ས་སྐྱིད་པོ་ས་ཡི་རྒྱན།
གླིང་སེང་ལྕམ་འབྲུག་མོ་བུ་མོའི་རྒྱན།
མོ་ཕེབས་པའི་ས་ལ་བཀྲ་ཤིས་དཔལ་ཤར་ཡོད།
མོ་ཕེབས་པའི་ས་ལ་མི་ཡི་གཡང་འཁྱིལ་ཡོད།
མོས་གཟིགས་པའི་ས་རུ་སྐྱིད་པའི་ཁྱིམ་གཞིས་ཡོད།
ཨེ་མ ང་ཡི་སེམས་ཀྱི་ཨ་ཅེ།
ཨེ་མ ་ཨ་ཅེ་སེང་ལྕམ་འབྲུག་མོ།
ཁྱོའི་སེམས་ཀྱི་ངང་རྒྱུད་ང་ལ་ཡོད།
ང་ཚོ་བོད་པའི་བུ་མོར་ཡོད།
གླིང་ཕ་ས་སྐྱིད་པོ་ས་ཡི་རྒྱན།
གླིང་སེང་ལྕམ་འབྲུག་མོ་བུ་མོའི་རྒྱན།
མོ་འཛུམ་པའི་ས་ལ་བརྩེ་བའི་སྒྲུང་ཞིག་ཡོད།
མོས་གསུང་གི་ས་ལ་དུངས་བའི་གཞས་ཤིག་ཡོད།
མོ་འགྲེང་བའི་ས་ལ་དཔའ་བོའི་གཟུགས་ཤར་ཡོད།
ཨེ་མ ང་ཡི་སེམས་ཀྱི་ཨ་ཅེ།
ཨེ་མ ་ཨ་ཅེ་སེང་ལྕམ་འབྲུག་མོ།
ཁྱོའི་སེམས་ཀྱི་ངང་རྒྱུད་ང་ལ་ཡོད།
ང་ཚོ་བོད་པའི་བུ་མོར་ཡོད།
ཨེ་མ ང་ཡི་སེམས་ཀྱི་ཨ་ཅེ།
ཨེ་མ ་ཨ་ཅེ་སེང་ལྕམ་འབྲུག་མོ།
ཁྱོའི་སེམས་ཀྱི་ངང་རྒྱུད་ང་ལ་ཡོད།
ང་ཚོ་བོད་པའི་བུ་མོར་ཡོད།
ང་ཚོ་བོད་པའི་བུ་མོར་ཡོད།
ང་ཚོ་བོད་པའི་བུ་མོར་ཡོད།