00:00/00:00
随时随地任意搜索并下载全网无损歌曲
扫描右侧二维码下载歌曲到手机 

免费获取更多无损音乐下载链接
文本歌词
德格达拥 - 康巴德格
作词:志美
作曲:佐庆丹真
ཨཱ་ ཨཱ་་་ ཁམས་པ་སྡེ་དགེ ཨཱ་ཨཱ་་་ ང་ཡི་ཕ་ཡུལ།
འཛམ་གླིང་གོ་ལའི་ཡང་རྩེ། ཁམས་པ་སྡེ་དགེ།
ལྷུན་གྲུབ་ནོར་བུའི་དགའ་ཚལ། ཁམས་པ་སྡེ་དགེ།
སྙན་མོའི་པི་ཝཾ་རོལ་བཞིན། བསྟོད་གླུ་ལེན་ཡ།
གངས་ཅན་ས་ཡི་ལྟེ་བ། ཁམས་པ་སྡེ་དགེ།
བཅུ་ཕྲག་རིག་པའི་འབྱུང་གནས། ཁམས་པ་སྡེ་དགེ།
དྲི་མེད་ལྷ་དར་དཀར་པོ་ཁྱེད་ལ་འབུལ་ཡ།
ཨཱ་ཨཱ་་་ ཁམས་པ་སྡེ་དགེ།
ཨཱ་ཨཱ་་་་ ང་ཡི་ཕ་ཡུལ།
དྲི་མེད་ལྷ་དར་དཀར་པོ་ཁྱེད་ལ་འབུལ་ཡ།
ཁྱེད་ལ་འབུལ་ཡ།
ཞིང་ལ་ལོ་ཡག་འཁྲུངས་ས། ཁམས་པ་སྡེ་དགེ།
ཕྱུགས་ལ་འཕེལ་ཁ་དར་ས། ཁམས་པ་སྡེ་དགེ།
དྲི་ཟའི་བུ་མོའི་དབྱངས་ཀྱིས་ཁྱེད་ལ་བསྟོད་དོ།
སྟག་ཤར་དཔའ་རྩལ་ལྡན་ས། ཁམས་པ་སྡེ་དགེ།
མཛེས་མའི་ལང་ཚོ་ཡག་ས། ཁམས་པ་སྡེ་དགེ།
དྲུག་འགྱུར་སྙན་མོའི་ངག་གིས་བསྟོད་གླུ་འབུལ་ལོོོ།
ཨཱ་ཨཱ་་་ ཁམས་པ་སྡེ་དགེ།
ཨཱ་ཨཱ་་་ ང་ཡི་ཕ་ཡུལ།
དྲུག་འགྱུར་སྙན་མོའི་ངག་གིས་བསྟོད་གླུ་འབུལ་ལོོོ།།
བསྟོད་གླུ་འབུལ་ལོོོ།།
ཨཱ་ཨཱ་་་ ཁམས་པ་སྡེ་དགེ།
ཨཱ་ཨཱ་་་ ང་ཡི་ཕ་ཡུལ།
དྲུག་འགྱུར་སྙན་མོའི་ངག་གིས་བསྟོད་གླུ་འབུལ་ལོོོ།།
བསྟོད་གླུ་འབུལ་ལོོོ།།