00:00/00:00
随时随地任意搜索并下载全网无损歌曲
扫描右侧二维码下载歌曲到手机 

免费获取更多无损音乐下载链接
文本歌词
All For You(ཚང་མ་ཁྱོད་རེད) - 宫巴
作词:宫巴
作曲:宫巴
ཁྱོད་རང་འགྲོ་སོང་།
ང་རང་ལྷག་སོང་།
ཁང་པ་སྟོང་ལ་ལུས་མ་གཏོགས།
རྨི་ལ་དཀྲུགས་སོང་།
སེམས་པ་ན་སོང་།
རེ་བ་ཐང་ལ་ལྷུང་།
འདས་པའི་ལོ་དང་ཟླ་བ་དེ་ཚོ།
དེ་དག་ཡོད་ཚད་མིག་གི་ལམ་ལ་འཁོར་རོ།
ཁ་སང་དགའ་སྐྱོ་ཚང་མ་དེ།
བྲང་གི་ཐོགས་ལ་རི་མོ་བསྐྱོར།
ཁྱོད་དང་ལས་ཀྱི་དབང་མེད་དོ།
དེ་ཨུ་ཚུགས་བསམ་པའི་རེ་བ་ཤོར།
སྐད་ཆ་རྫོགས་སོང་།
ཁྱོད་རང་བོར་སོང་ངོ།
ཤོར་བའི་ལས་ཀྱི་དབང་དེ་ང་ལ་མེད།
ཁྱོད་རང་འགྲོ་བ་རང་དབང་རེད།
ཁ་སང་འདས་ཟིན་པ་ཡང་དྲན་པ་ཚང་མ་དེ།
ཚང་མ་ཁྱོད་རང་རེད།
ཚོར་བ་དེ་འདྲ་ཡིན་པ་ངས་མ་ཤེས།
གདོང་གི་མིག་ཆུ་མར་ལ་འཐེན།
ང་རང་སོང་ན་ཡང་། བསྡད་ན་ཡང་། ཚང་མ་དེ།
ཚང་མ་ཁྱོད་རང་རེད།
ཡོད་ཚད་ཁྱེར་སོང་།
མོ་རང་བུད་སོང་།
ཕུག་ཐུག་ཤོར་བའི་སེམས་མ་གཏོགས།
འོད་མདངས་ཤོར་སོང་།
མགོ་བོ་འཁོར་སོང་།
སེམས་པ་སྡུག་གིས་ལྷོགས།
འདས་པའི་ལོ་དང་ཟླ་བ་དེ་ཚོ།
དེ་དག་ཡོད་ཚད་མིག་གི་ལམ་ལ་འཁོར་རོ།
ཁ་སང་དགའ་སྐྱོ་ཚང་མ་དེ།
བྲང་གི་ཐོགས་ལ་རི་མོ་བསྐྱོར།
ཁྱོད་དང་ལས་ཀྱི་དབང་མེད་དོ།
དེ་ཨུ་ཚུགས་བསམ་པའི་རེ་བ་ཤོར།
སྐད་ཆ་རྫོགས་སོང་།
ཁྱོད་རང་བོར་སོང་ངོ།
ཤོར་བའི་ལས་ཀྱི་དབང་དེ་ང་ལ་མེད།
ཁྱོད་རང་འགྲོ་བ་རང་དབང་རེད།
ཁ་སང་འདས་ཟིན་པ་ཡང་དྲན་པ་ཚང་མ་དེ།
ཚང་མ་ཁྱོད་རང་རེད།
ཚོར་བ་དེ་འདྲ་ཡིན་པ་ངས་མ་ཤེས།
གདོང་གི་མིག་ཆུ་མར་ལ་འཐེན།
ང་རང་སོང་ན་ཡང་། བསྡད་ན་ཡང་། ཚང་མ་དེ།
ཚང་མ་ཁྱོད་རང་རེད།