00:00/00:00
随时随地任意搜索并下载全网无损歌曲
扫描右侧二维码下载歌曲到手机 

免费获取更多无损音乐下载链接
文本歌词
Go Back ″ - 背水姑娘
作词:洛桑仁青
作曲:郎甲·曲迈才让
སྐྱ་རེངས་སྐྱ་མཐའ་བཀྱགས་སོང་།
རྩྭ་མགོའི་ཟིལ་པ་འཛུམ་སོང་།
བྱིའུ་ཆུང་གསུང་སྐད་ཀྱུར་ཀྱུར།
བུ་མོ་གཉིད་ལས་དཀྲོགས་སོང་།
རིགས་བཟང་ཆུ་ལེན་བུ་མོ།
ལུས་ལ་རྒྱན་ཆ་སྤྲས་ནས།
གཡང་གི་ཆུ་ཟོམ་ཁ་ལ།
ཧ། འབྲི་མར་སེར་པོས་བརྒྱན་སོང་།
སླས་སྐྲ་རྒྱབ་ལ་གཡུགས་སོང་།
རྨ་བྱའི་སྒྲོ་གུར་ཕུབ་འདྲ།
ཟིལ་ཆུ་ལྷམ་མགོར་ལེན་སོང་།
ལྷམ་ལ་མུ་ཏིག་གཏོར་འདྲ།
རིགས་བཟང་ཆུ་ལེན་བུ་མོ།
བསམ་དོན་ཆུ་ལ་བཅོལ་ནས།
སྟེང་ཕྱོགས་ཨ་སྔོན་གནམ་ལ།
ཧ། ཆུ་ཕུད་ལན་གསུམ་མཆོད་སོང་།
ཧ་ཨ་ཨ་ཨ། ཆུ་ལེན་བུ་མོ།
ཨོ་ཨ་ཨ་ཨ་ཨོ། ཆུ་ལེན་བུ་མོ།
ཚེ་གཅིག་ལུས་ཐོག་འདི་ལ།
མི་རྟག་འཁོར་བའི་སྐྱིད་སྡུག།
ཆུ་ལེན་བུ་མོའི་ལས་དབང་།
ཨོ། ཆུ་ཟོམ་གཉིས་ལ་བསྐོས་སོང་།