谢旦2017谢旦
གནས་ཟླུམ་གཟུགས་གོ་ལའི་ཡང་སྟེང་ན། །
གངས་དཀར་པོ་མཆོད་རྟེན་བཞེངས་འདྲ་ཞིག །
བློ་རིག་པ་ཅན་གྱི་གཞོན་ནུ་མ། །
གངས་གན་ཀི་མིང་ལ་ཅི་ཞིག་འབོད། །
གནས་ཟླུམ་གཟུགས་གོ་ལའི་ཡང་སྟེང་གི །
གངས་དཀར་པོ་མཆོད་རྟེན་བཞེངས་འདྲ་བོ། །
གན་སྟོད་ཀྱི་གངས་དཀར་ཏི་སེ་རེད། །
བོད་ཁ་བ་ཅན་གྱི་བླ་རི་རེད། །
གངས་གན་ཀི་སྐུ་ཚེ་བརྟན་པར་སྨོན། །
གླང་པོ་ཆེ་བྲེས་སུ་ཉལ་འདྲའི་རི་སྒང་ན། །
མཁར་མཐོན་པོ་རི་རབ་བརྩིགས་འདྲ་ཞིག །
བློ་རིག་པ་ཅན་གྱི་གཞོན་ནུ་མ། །
མཁར་གན་ཀི་མིང་ལ་ཅི་ཞིག་འབོད། །
གླང་པོ་ཆེ་བྲེས་སུ་ཉལ་འདྲའི་རི་སྒང་གི།
མཁར་མཐོན་པོ་རི་རབ་བརྩིགས་འདྲ་བོ ། །
གན་བར་གྱི་རི་བོ་གྲི་འཛིན་རེད། །
བོད་ཁ་བ་ཅན་གྱི་ཕ་མཁར་རེད། །
མཁར་གན་གི་སྐུ་ཚེ་བརྟན་པར་སྨོན། །
གནས་མདོ་སྨད་ས་ཡི་ལྟེ་བ་ན། །
མཚོ་ལྗང་ལོ་ཡོན་ཆབ་བཤམས་འདྲ་ཞིག
བློ་རིག་པ་ཅན་གྱི་གཞོན་ནུ་མ། །
མཚོ་གན་གི་མིང་ལ་ཅི་ཞིག་འབོད། །
གནས་མདོ་སྨད་ས་ཡི་ལྟེ་བ་ཡི། །
མཚོ་ལྗང་ལོ་ཡོན་ཆབ་བཤམས་འདྲ་བོ།
གན་སྨད་ཀྱི་ཁྲི་ཤོར་རྒྱལ་མོ་རེད ། །
བོད་ཁ་བ་ཅན་གྱི་བླ་མཚོ་རེད། །
མཚོ་གན་ཀི་སྐུ་ཚེ་བརྟན་པར་སྨོན། །
00:00/00:00
随时随地任意搜索并下载全网无损歌曲
扫描右侧二维码下载歌曲到手机 

免费获取更多无损音乐下载链接
文本歌词
གནས་ཟླུམ་གཟུགས་གོ་ལའི་ཡང་སྟེང་ན། །
གངས་དཀར་པོ་མཆོད་རྟེན་བཞེངས་འདྲ་ཞིག །
བློ་རིག་པ་ཅན་གྱི་གཞོན་ནུ་མ། །
གངས་གན་ཀི་མིང་ལ་ཅི་ཞིག་འབོད། །
གནས་ཟླུམ་གཟུགས་གོ་ལའི་ཡང་སྟེང་གི །
གངས་དཀར་པོ་མཆོད་རྟེན་བཞེངས་འདྲ་བོ། །
གན་སྟོད་ཀྱི་གངས་དཀར་ཏི་སེ་རེད། །
བོད་ཁ་བ་ཅན་གྱི་བླ་རི་རེད། །
གངས་གན་ཀི་སྐུ་ཚེ་བརྟན་པར་སྨོན། །
གླང་པོ་ཆེ་བྲེས་སུ་ཉལ་འདྲའི་རི་སྒང་ན། །
མཁར་མཐོན་པོ་རི་རབ་བརྩིགས་འདྲ་ཞིག །
བློ་རིག་པ་ཅན་གྱི་གཞོན་ནུ་མ། །
མཁར་གན་ཀི་མིང་ལ་ཅི་ཞིག་འབོད། །
གླང་པོ་ཆེ་བྲེས་སུ་ཉལ་འདྲའི་རི་སྒང་གི།
མཁར་མཐོན་པོ་རི་རབ་བརྩིགས་འདྲ་བོ ། །
གན་བར་གྱི་རི་བོ་གྲི་འཛིན་རེད། །
བོད་ཁ་བ་ཅན་གྱི་ཕ་མཁར་རེད། །
མཁར་གན་གི་སྐུ་ཚེ་བརྟན་པར་སྨོན། །
གནས་མདོ་སྨད་ས་ཡི་ལྟེ་བ་ན། །
མཚོ་ལྗང་ལོ་ཡོན་ཆབ་བཤམས་འདྲ་ཞིག
བློ་རིག་པ་ཅན་གྱི་གཞོན་ནུ་མ། །
མཚོ་གན་གི་མིང་ལ་ཅི་ཞིག་འབོད། །
གནས་མདོ་སྨད་ས་ཡི་ལྟེ་བ་ཡི། །
མཚོ་ལྗང་ལོ་ཡོན་ཆབ་བཤམས་འདྲ་བོ།
གན་སྨད་ཀྱི་ཁྲི་ཤོར་རྒྱལ་མོ་རེད ། །
བོད་ཁ་བ་ཅན་གྱི་བླ་མཚོ་རེད། །
མཚོ་གན་ཀི་སྐུ་ཚེ་བརྟན་པར་སྨོན། །