00:00/00:00
随时随地任意搜索并下载全网无损歌曲
扫描右侧二维码下载歌曲到手机 

免费获取更多无损音乐下载链接
文本歌词
仁增卓玛 - 高原红
作词:岗华
作曲:三智才让
编曲:谢尔巴
录音:央容阿东
ན་ནིང་རྟ་རྒྱུག་གི་ཐོག་ནས། ཡེ།
རྒྱ་ཞྭ་ལེབ་མོ་གོན་པའི། ཡེ།
ཕྱོར་སོ་གསེར་གྱིས་ཤན་པའི། ཡེ།
བུ་ཆུང་སྙིང་རྗེ་ཞིག་མཐོང་བྱུང་། ཡེ།
ད་ལྟ་རྒྱུས་གོམས་མེད་ཀྱང་། ཡེ།
སྣང་བརྙན་དྲན་པ་ལ་འཁོར་ཡོང་།
ཁོ་མོའི་རྒྱ་ཞྭའི་ཟུར་གྱི།
མེ་ཏོག་ལྗང་སེར་གློ་དམར། ཡེ།
ད་རུང་ངའི་སེམས་ནང་ན་སྐྱེས་འདུག ཡེ།
ད་རུང་ངའི་སེམས་ནང་ན་སྐྱེས་འདུག
ཁྲི་འདུའི་ཁྲོམ་ཆེན་གྱི་དབུས་ནས། ཡེ།
ལུས་ཀྱི་འཁྲི་ཤིང་བརྗིད་པའི། ཡེ།
རལ་བའི་ལོ་འདབ་མཛེས་པའི། ཡེ།
བུ་ཆུང་སྙིང་རྗེ་ཞིག་མཐོང་བྱུང་། ཡེ།
ཚིག་གསུམ་ཞུས་པ་མེད་ཀྱང་། ཡེ།
གོམ་ཆུང་སེམས་ནང་ལ་བླངས་བྱུང་།
དམར་སྨུག་ངོ་གདོང་དེ་ཡི།
ཚིག་གསུམ་ཐོ་རངས་སྐར་ཆེན། ཡེ།
ད་རུང་ངའི་མིག་ལམ་ལ་ཤར་ཡོང་། ཡེ།
ད་རུང་ངའི་མིག་ལམ་ལ་ཤར་ཡོང་།
ནམ་མཁའ་གཅིག་གི་འོག་ན། ཡེ།
ས་གཞི་གཅིག་གི་སྟེང་ན། ཡེ།
མཉམ་དུ་གནས་ཡོད་བསམ་ན། ཡེ།
བློ་འགྱོད་ཆེན་པོ་ཞིག་མི་འདུག ཡེ།
ངེད་གཉིས་ཞེ་འགྲོགས་མིན་ཀྱང་། ཡེ།
ལོ་ཟླ་གྲངས་མེད་ལ་དྲན་བྱུང་།
ལུས་བདེ་སེམས་སྐྱིད་ངང་ནས།
ཁོ་མོས་སྐྱིད་ཅིག་མཐོང་བར། ཡེ།
སྐྱབས་འཇུག་ངས་སྙིང་ཁོང་ནས་ཞུའོ། ཡེ།
སྐྱབས་འཇུག་ངས་སྙིང་ཁོང་ནས་ཞུའོ།
སྐྱབས་འཇུག་ངས་སྙིང་ཁོང་ནས་ཞུའོ། ཡེ།
སྐྱབས་འཇུག་ངས་སྙིང་ཁོང་ནས་ཞུའོ།