00:00/00:00
随时随地任意搜索并下载全网无损歌曲
扫描右侧二维码下载歌曲到手机 

免费获取更多无损音乐下载链接
文本歌词
རི་ཆུང་སྨུག་པའི་གསེང་གི།
ལུག་རྫི་བུ་མོ་ལྷ་སྒྲོན།།
རྫི་གླུ་སིང་སིང་ལེན་པ།།
ང་ཡི་རྣ་བར་ལྷུང་སོང་།།
ཕ་གའི་སྡེ་ཆེན་གྲོང་གི།
རྩེད་རོགས་བུ་མོ་ལྷ་སྒྲོན།།
གོམ་ཆུང་ལྡེམ་ལྡེམ་སོང་བ།།
ང་ཡི་མིག་ལ་བརྒྱུས་སོང་།།
བུ་མོ་སྟབས་ཁ་འགྲིག་ན།།
ཚིག་ལ་ཁ་ཞག་འཁྱིལ་ཡོང་།།
བུ་མོ་མཐུན་པོ་བྱུང་ན།།
ཚིག་གི་མདུད་པ་བརྒྱབ་ཆོག།
བུ་མོ་སྟབས་ཁ་འགྲིག་ན།།
ཚིག་ལ་ཁ་ཞག་འཁྱིལ་ཡོང་།།
ཚིག་ལ་ཁ་ཞག་འཁྱིལ་ཡོང་།།
བུ་མོ་མཐུན་པོ་བྱུང་ན།།
ཚིག་གི་མདུད་པ་བརྒྱབ་ཆོག།
ཚིག་གི་མདུད་པ་བརྒྱབ་ཆོག།
སྨད་ཀྱི་ཆུ་བོའི་འགྲམ་གྱི།།
ཆུ་ལེན་བུ་མོ་ལྷ་སྒྲོན།
མིག་མདའ་འཛུམ་འཛུམ་འཕངས་པ།།
ང་ཡི་སྙིང་ལ་ཕོག་སོང་།།
ཕ་གའི་སྡེ་ཆེན་གྲོང་གི།།
རྩེད་རོགས་བུ་མོ་ལྷ་སྒྲོན།།
གོམ་ཆུང་ལྡེམ་ལྡེམ་སོང་བ།།
ང་ཡི་མིག་ལ་བརྒྱུས་སོང་།།
སྙིང་ལ་ཕོག་པའི་མདའ་མོ།།
སྲོག་ལ་ཐོགས་པའི་འདང་རེད།།
གཞུ་མོའི་གཞུ་ཐུག་ཆད་རུང་།།
གཞན་ལ་སྟེར་ཐག་མི་ཆོད།།
སྙིང་ལ་ཕོག་པའི་མདའ་མོ།།
སྲོག་ལ་ཐོགས་པའི་འདང་རེད།།
སྲོག་ལ་ཐོགས་པའི་འདང་རེད།།
གཞུ་མོའི་གཞུ་ཐུག་ཆད་རུང་།།
གཞན་ལ་སྟེར་ཐག་མི་ཆོད།།
གཞན་ལ་སྟེར་ཐག་མི་ཆོད།།