00:00/00:00
随时随地任意搜索并下载全网无损歌曲
扫描右侧二维码下载歌曲到手机 

免费获取更多无损音乐下载链接
文本歌词
三智才让 - 青海湖
作词:阿凯桑
作曲:三智才让
ཁ་ན་གསེར་བྱ་ངང་བའི་འཕུར་ལྡིང་ཡོད།
གཏིང་ན་གསེར་མིག་ཉ་མོའི་འཁྱུག་འགྲོས་ཡོད།
དབུས་ན་མ་ཧ་དེ་ཝའི་ཕྲ་རྒྱན་ཡོད།
གསེར་ཆེན་རི་ལ་མཆོད་པ་བཤམས་འདྲ་ཡོད།
ཨོ། མཚོ་མོ་དྭངས་ན་ངང་བ་གསེར་བྱ་ཡིན།
མཚོ་མོ་དྭངས་ན་ཉ་མོ་གསེར་ཉ་ཡིན།
ཨོ། ཁྲི་ཤོར་རྒྱལ་མོའི་ཁ་ཞེང་ཇེ་ཆེ་རེད།
རུ་སྡེ་ཕྲ་མོའི་འཚོ་བ་ཇེ་སྐྱིད་རེད།
ཨོ་་་་་་ང་ཡི་ཁྲི་ཤོར་རྒྱལ་མོ།
ཇི་འདྲའི་བསོད་ནམས་རང་འགྲུབ།
སྟོད་ཀྱི་གངས་ཆུ་འབབ་པའི་ཉིང་ཁུ་ཡིན།
སྨད་ཀྱི་ཆུ་མིག་འཕྱུར་བའི་ཟེགས་མ་ཡིན།
བར་ན་འཁྱིལ་བའི་མཚོ་ཆེན་ཁྲི་ཤོར་མ།
ནམ་མཁའ་ས་ལ་ལྷུང་བའི་ཉམས་སྣང་ཡོད།
ཨོ། མཚོ་མོ་དྭངས་ན་དངུལ་གྱི་རླབས་ཕྲེང་ཡོད།
མཚོ་མོ་དྭངས་ན་གཡུ་ཡི་མེ་ཏོག་བཞད།
ཨོ། ཁྲི་ཤོར་རྒྱལ་མོའི་ཁ་ཞེང་ཇེ་ཆེ་རེད།
རུ་སྡེ་ཕྲ་མོའི་འཚོ་བ་ཇེ་སྐྱིད་རེད།
ཨོ་་་་་་ང་ཡི་ཁྲི་ཤོར་རྒྱལ་མོ།
ཇི་འདྲའི་བསོད་ནམས་རང་འགྲུབ།
ཨོ་་་་་་ང་ཡི་ཁྲི་ཤོར་རྒྱལ་མོ།
ཇི་འདྲའི་བསོད་ནམས་རང་འགྲུབ།
ཇི་འདྲའི་བསོད་ནམས་རང་འགྲུབ།