00:00/00:00
随时随地任意搜索并下载全网无损歌曲
扫描右侧二维码下载歌曲到手机 

免费获取更多无损音乐下载链接
文本歌词
རྨི་ལམ་ལ་ཁ་ཕྱོགས་མེད་པས།
ལང་ཚོ་ལ་སྐྱོར་མ་བཞག་ཡོད།
ཕུགས་བསམ་གྱི་ཁྲག་རྩ་བརྒྱུད་ནས།
རྒྱང་རིང་ལ་ལག་བརྡ་བཏང་ཡོད།
སྤྱི་ཚོགས་ཀྱི་ཁ་དོག་འགྱུར་ནས།
སེམས་རྩ་ལ་ན་ཟུག་སྦྱིན་ཡོད།
མྱི་ཁ་ཡི་ཙག་རླུང་འཁྱམ་ནས།
རྒྱབ་ཕྱོགས་ནས་ཐན་སྐད་ཤོར་ཡོད།
Hey
Say hey
ངས་རང་སེམས་རང་གིས་གསོས་མྱོང་ཡོད།
Say hey
Say hey
ངས་ལམ་ཁའི་ཆར་ཐིག་འཐུང་མྱོང་ཡོད།
རྫ་མགོ་ནས་ཉི་མ་ཤར་ནས།
ཐ་མག་ལ་སྤུན་གྲོགས་སྒྲིག་ཡོད།
མཚན་གུང་ལ་རྣམ་ཤེས་འཁྱམས་ནས།
ཆང་ཕོར་ལ་དམ་བཅའ་བཞག་ཡོད།
དུ་ཆང་གི་སྣང་བ་སྐྱིད་ནས།
གཡས་གཡོན་ལ་མགོ་བོ་འཁོར་ཡོད།
གསར་རྟགས་ཀྱི་ཨུ་ཚུགས་རྒོད་ནས།
ཕམ་ཁ་ཡི་གད་མོ་ཤོར་ཡོད།
Hey
Say hey
ང་ཐང་ཆེན་དཀྱིལ་གྱི་ས་རྡུལ་ཡིན།
Say hey
Say hey
ང་མུན་ནག་ནང་གི་འུག་པ་ཡིན།
Yo
ང་དང་ཁྱོད་ཀྱིས།འཚོ་བའི་པང་ནས།
ཕུགས་བསམ་འཚོལ་བའི་གོམ་པ་རེ་རེ་བརྟན་པོར་སྤོས་ནས་འགྲོ་དགོས།
ཡིན་ཡང་གསལ་བོར་ཉོན་ཤོག ཁྱོད་ཚོ་སུ་ཡིན་རུང་གསར་རྟགས་ཀྱི་མགོ་འཕང་ཏེ་མཐོ་རུ་མ་འཇོག
སྣང་བ་མཐོན་པོས་རང་ལ་མི་འདོད་པའི་དྲི་ངན་མ་སློང་།
དྲི་ཞིམ་ཁྱབ་པའི་འབྲོག་སྡེ་རྒྱབ་ནས་འཕང་སྟེ་གང་ལ་ཆས།
རྙོག་འཛིང་དྲ་རྒྱའི་གླིང་ནས་ཁྲ་ཁྲའི་འཇིག་རྟེན་སུ་ལ་བཤད།
སྙིང་གི་དམ་བཅའ་མ་བརྗེད་ཕུགས་བསམ་འཚོལ་བའི་གཤོག་ཡ་དེ་ཡིན།
རང་ཚུགས་མ་ཤོར།གཞན་སེམས་མ་དཀྲུགས།
Hey
Say hey
ངས་རང་སེམས་རང་གིས་གསོས་མྱོང་ཡོད།
Say hey
Say hey
ངས་ལམ་ཁའི་ཆར་ཐིག་འཐུང་མྱོང་ཡོད།
Hey
Say hey
ང་ཐང་ཆེན་དཀྱིལ་གྱི་ས་རྡུལ་ཡིན།
Say hey
Say hey
ང་མུན་ནག་ནང་གི་འུག་པ་ཡིན།