00:00/00:00
随时随地任意搜索并下载全网无损歌曲
扫描右侧二维码下载歌曲到手机 

免费获取更多无损音乐下载链接
文本歌词
珊瑚恋 - 三智才让
词:岗华
曲:三智才让
编曲:谢尔巴
དུང་དཀར་འདྲ་བའི་ཁྱེད་རང་། །
རྒྱ་མཚོར་ཁ་ཐག་རིང་ཡང་། །
ཁྱེད་ལ་དུང་དཀར་སྨིན་ཡོད། །
དུང་གི་སེམས་པ་སྨིན་ཡོད། །
དུང་དཀར་འདྲ་བའི་སེམས་པ། །
སུ་ཡི་སེམས་ལ་བཞག་ཡོད། །
བྱུ་རུའི་སྒྲོལ་མ།
བྱུ་རུ་འདྲ་བའི་ཁྱེད་རང་། །
རྒྱ་མཚོར་ཁ་ཐག་རིང་ཡང་། །
ཁྱེད་ལ་བྱུ་རུ་སྐྱེས་ཡོད། །
བྱུ་རུའི་ལང་ཚོ་སྐྱེས་ཡོད། །
བྱུ་རུ་འདྲ་བའི་ལང་ཚོ། །
སུ་ཡི་སེམས་ལ་ཉར་ཡོད། །
བྱུ་རུའི་སྒྲོལ་མ།
མུ་ཏིག་འདྲ་བའི་ཁྱེད་རང་། །
རྒྱ་མཚོར་ཁ་ཐག་རིང་ཡང་། །
ཁྱེད་ལ་མུ་ཏིག་འཁྲུངས་ཡོད། །
ལས་འཕྲོའི་མུ་ཏིག་འཁྲུངས་ཡོད། །
མུ་ཏིག་འདྲ་བའི་སྙིང་གཏམ། །
སུ་ཡི་སེམས་ལ་བཅོལ་ཡོད། །
བྱུ་རུའི་སྒྲོལ་མ།
མུ་ཏིག་འདྲ་བའི་སྙིང་གཏམ། །
སུ་ཡི་སེམས་ལ་བཅོལ་ཡོད། །
བྱུ་རུའི་སྒྲོལ་མ།
བྱུ་རུའི་སྒྲོལ་མ།