00:00/00:00
随时随地任意搜索并下载全网无损歌曲
扫描右侧二维码下载歌曲到手机 

免费获取更多无损音乐下载链接
文本歌词
༺ གསེར་ཐང་གི་བུ་མོ། ༻
ཚིག ཁྲོ་རྒྱལ་ཚེ་རིང་།
དབྱངས། གདུགས་དཀར་ཡག
གཞས་པ། གདུགས་དཀར་ཡག
སྒྲིག་སྦྱོར་པ། བྱ་མདོ་དཔལ་མགོན་ཚེ་རིང་།
གླེང་མོལ་ཨང་གྲངས། ༥༩༦༩༤༢༠༣༧
གསེར་ཐང་གི་བུ་མོ།
གསེར་ཐང་གི་བུ་མོ།
དང་པོར་མཐོང་བའི་ཞལ་འཛུམ་སེམས་པའི་སྟེང་ལ་འཕྲོས་སོང་།
གཞོན་པའི་ཨ་གསར་མིན་ན་དུངས་སེམས་མདོ་ལ་བཀུག་སོང་།
གསེར་ཐང་གི་བུ་མོ།
གསེར་ཐང་གི་བུ་མོ།
དཀར་དཀར་གངས་རིའི་ཁྲོད་ན་གསེར་གྱི་མེ་ཏོག་རྐང་གཅིག
དྲི་ཞིམ་ལང་ཚོ་རྒྱས་པས་སེམས་ཀྱི་བུང་བ་ཤོར་སོང་།
དྲི་ཞིམ་ལང་ཚོ་རྒྱས་པས་སེམས་ཀྱི་བུང་བ་ཤོར་སོང་།
སེམས་ཀྱི་བུང་བ་ཤོར་སོང་།
་་་ ་་་
གསེར་ཐང་གི་བུ་མོ།
གསེར་ཐང་གི་བུ་མོ།
མི་ཚོགས་རླབས་ཀྱི་ཁྲོད་ན་ཡིད་འཕྲོག་ལྷ་མོ་ཟླ་གཅིག
ཕྱི་ནང་ཡོན་ཏན་དཔལ་གྱིས་སེམས་པའི་ཕྱེད་ཀ་འཁྱེར་སོང་།
གསེར་ཐང་གི་བུ་མོ།
གསེར་ཐང་གི་བུ་མོ།
དུངས་སེམས་ཀུན་ལ་བསྒྲོན་པའི་གཡུ་ཆུང་དྲུག་དཀར་རྡོག་ཅིག
གཏན་གྲོགས་ཨེ་ཡོང་བསམ་ནས་སྐྱབས་འཇུག་ལྷ་ལ་ཞུས་ཡོད།
གཏན་གྲོགས་ཨེ་ཡོང་བསམ་ནས་སྐྱབས་འཇུག་ལྷ་ལ་ཞུས་ཡོད།
སྐྱབས་འཇུག་ལྷ་ལ་ཞུས་ཡོད།

࿄ བཀྲ་ཤིས་བདེ་ལེགས། ࿄