00:00/00:00
随时随地任意搜索并下载全网无损歌曲
扫描右侧二维码下载歌曲到手机 

免费获取更多无损音乐下载链接
文本歌词
ཁ་པར་རྩེ་ཁི་མ་འདུག།
ཚིག། དཔའ་བརྟན།
གདངས། ཚེ་རིང་དཔལ་སངས།
ལེན་མཁན།དབྱངས་ཅན་ལྷ་མཛེས།
ནང་མི་ལྷན་དུ་འཛོམས་དུས།
ཁ་པར་འཕུར་ཁི་མ་འདུག།
སྐྱིད་པའི་ཁྱིམ་གཞི་དྲོན་མོར།
དགའ་བའི་དགོད་སྒྲ་ཉམས་འགྲོ།
དགོན་སྡེ་གྲ་ཚང་དཀྱིལ་ནས།
ཁ་པར་རྩེ་ཁི་མ་འདུག།
རྣམ་གསུམ་ངུར་སྨྲིག་འོག་ནས།
ཐོས་བསམ་སྒོམ་པ་བོར་འགྲོ།
གྲོགས་པོ་མཉམ་འཛོམས་དུས་སུ།
ཁ་པར་མནན་གི་མ་འདུག།
སྙིང་གི་གྲོགས་པོ་བར་ལ།
བརྩེ་བའི་གཏམ་གླེང་ཆད་འགྲོ།
འཕྲུལ་རྟ་རླངས་འཁོར་གཏོང་ཚེ།
ཁ་པར་སློག་ཁི་མ་འདུག།
ཤུགས་ཆེན་འཕྲུལ་གྱི་འཁོར་ལོ།
སྲོག་གི་ཉེན་ཁ་བྱུང་ཡོང།
དུས་དང་རྣམ་པ་ཀུན་ཏུ།
ཁ་པར་རྩེ་རྒྱུ་མང་ན།
མིག་དང་དུས་ཚོད་གཉིས་ཀ།
སྒོས་མོའི་ལྷན་དུ་ཤོར་འགྲོ།
ནང་མི་ལྷན་དུ་འཛོམས་དུས།
ཁ་པར་འཕུར་ཁི་མ་འདུག།
སྐྱིད་པའི་ཁྱིམ་གཞི་དྲོན་མོར།
དགའ་བའི་དགོད་སྒྲ་ཉམས་འགྲོ།
དགོན་སྡེ་གྲ་ཚང་དཀྱིལ་ནས།
ཁ་པར་རྩེ་ཁི་མ་འདུག།
རྣམ་གསུམ་ངུར་སྨྲིག་འོག་ནས།
ཐོས་བསམ་སྒོམ་པ་བོར་འགྲོ།
གྲོགས་པོ་མཉམ་འཛོམས་དུས་སུ།
ཁ་པར་མནན་གི་མ་འདུག།
སྙིང་གི་གྲོགས་པོ་བར་ལ།
བརྩེ་བའི་གཏམ་གླེང་ཆད་འགྲོ།
འཕྲུལ་རྟ་རླངས་འཁོར་གཏོང་ཚེ།
ཁ་པར་སློག་ཁི་མ་འདུག།
ཤུགས་ཆེན་འཕྲུལ་གྱི་འཁོར་ལོ།
སྲོག་གི་ཉེན་ཁ་བྱུང་ཡོང།
དུས་དང་རྣམ་པ་ཀུན་ཏུ།
ཁ་པར་རྩེ་རྒྱུ་མང་ན།
མིག་དང་དུས་ཚོད་གཉིས་ཀ།
སྒོས་མོའི་ལྷན་དུ་ཤོར་འགྲོ།
དུས་དང་རྣམ་པ་ཀུན་ཏུ།
ཁ་པར་རྩེ་རྒྱུ་མང་ན།
མིག་དང་དུས་ཚོད་གཉིས་ཀ།
སྒོས་མོའི་ལྷན་དུ་ཤོར་འགྲོ།
མིག་དང་དུས་ཚོད་གཉིས་ཀ།
སྒོས་མོའི་ལྷན་དུ་ཤོར་འགྲོ།