00:00/00:00
随时随地任意搜索并下载全网无损歌曲
扫描右侧二维码下载歌曲到手机 

免费获取更多无损音乐下载链接
文本歌词
སེམས་པ་ཤོར་བའི་མི་ལ།
ཆུང་འདྲིས་བྱམས་པ་མ་ཟེར།
ཆུང་ནས་འདྲིས་པ་མེད་ན།
ཞེ་ལ་ཐོགས་དོན་མི་འདུག
མི་ཁ་འཁོར་ཡོང་བསམ་ནས།
མིག་ཆུ་གཏོང་བ་མ་གནང་།
སྐྱེ་བ་མང་པོ་ཤིག་ལ།
འགྲོགས་པའི་སྐལ་བ་མི་འདུག
སྐྱེ་བ་མང་པོ་ཤིག་ལ།
འགྲོགས་པའི་སྐལ་བ་མི་འདུག
ས་ཐག་རིང་སོང་མ་ཟེར།
ཐུག་འཕྲད་མི་ཡོང་མ་ཟེར།
ལས་ཀྱི་བསྐོས་པའི་མི་ལ།
ཐོད་པའི་ཁ་ཡིག་འབྲི་ཆོག
རྩེ་བ་མི་འདུག་མ་གསུང་།
ཕྱི་ཐག་མི་འདུག་མ་གསུང་།
སེམས་པ་ཤོར་སའི་མི་ལ།
བར་ཐག་བཟུང་དོན་མི་འདུག
སེམས་པ་ཤོར་སའི་མི་ལ།
བར་ཐག་བཟུང་དོན་མི་འདུག
མི་ཡུལ་བྱང་ཐང་རིང་མོ།
མི་ཚེ་ལམ་གྱི་མགྲོན་པོ།
གནས་ཚང་ཆུང་འདྲེས་བྱམས་པ།
ཐུགས་སེམས་སྐྱོ་སྐྱོ་མ་གནང་།
གནས་ཚང་ཆུང་འདྲེས་བྱམས་པ།
ཐུགས་སེམས་སྐྱོ་སྐྱོ་མ་གནང་།