00:00/00:00
随时随地任意搜索并下载全网无损歌曲
扫描右侧二维码下载歌曲到手机 

免费获取更多无损音乐下载链接
文本歌词
央金兰泽、扎西尼玛 - འབྲི་མི་དགོས་མཛེས་སྡུག་རི་མོ་རེད
作词:罗松仁青
作曲:扎西多杰
ངེད་གངས་ཅན་བོད་ཀྱི་ཡུལ་ཕྱོགས་ལ།
ཚོན་མ་བྱུགས་རི་མོ་རྣམ་གསུམ་ཡོད།
དེ་གོ་བ་སུ་ལ་ལོན་རབས་ཡོད།
ཁྱོད་ལན་པོ་ལན་གསུམ་རྒྱོབ་ལ་ཤོག།
ངེད་གོངས་ཅན་བོད་ཀྱི་ཡུལ་ཕྱོགས་ལ།
ཚོན་མ་བྱུགས་རི་མོ་རྣམ་གསུམ་དེ།
དེ་འཇལ་དང་མེ་ཏོག་རྩི་ཐོག་གསུམ།
དེ་མིན་པ་ལན་པོ་ཡོད་སྣང་མེད།
ངེད་གངས་ཅན་བོད་ཀྱི་ཡུལ་ཕྱོགས་ལ།
པིར་མ་བྲིས་རི་མོ་རྣམ་གསུམ་ཡོད།
དེ་གོ་བ་སུ་ལ་ལོན་རབས་ཡོད།
ཁྱོད་ལན་པོ་ལན་གསུམ་རྒྱོབ་ལ་ཤོག།
ངེད་གངས་ཅན་བོད་ཀྱི་ཡུལ་ཕྱོགས་ལ །
སྨྱུག་མ་བྲིས་རི་མོ་རྣམ་གསུམ་དེ།
དེ་རྨ་ཆུ་འབྲི་ཆུ་རྫ་ཆུ་གསུམ།
དེ་མིན་པ་ལན་པོ་ཡོད་སྣང་མེད།
ངེད་གངས་ཅན་བོད་ཀྱི་ཡུལ་ཕྱོགས་ལ །
གཡང་མ་བྲིས་རི་མོ་རྣམ་གསུམ་ཡོད།
དེ་གོ་བ་སུ་ལ་ལོན་རབས་ཡོད།
ཁྱོད་ལན་པོ་ལན་གསུམ་རྒྱོབ་ལ་ཤོག།
ངེད་གངས་ཅན་བོད་ཀྱི་ཡུལ་ཕྱོགས་ལ
གཡང་མ་བྲིས་རི་མོ་རྣམ་གསུམ་དེ།
དེ་རྟ་དང་ནོར་དང་ལུག་དང་གསུམ །
དེ་མིན་པ་ལན་པོ་ཡོད་སྣང་མེད།
བསྭོ་ཡ་ལ་ཡ་ལ་ནས་བསྭོ།
ངའི་ཕ་ཡུལ་འཛམ་གླིང་རྒྱན་ཆ་བྱས །
འབྲི་མི་དགོས་མཛེས་སྡུག་རི་མོ་རེད།